BHTF held 7th Asset Management Committee meeting

The Bhutan Health Trust Fund held 7th Asset Management Committee (AMC) meeting at Hotel Tashi Yoedling, Thimphu on 30th May 2024. The meeting was attended by all the Committee members appointed by the BHTF Board. The Committee reviewed the status of the Action Taken Report of the 6th AMC meeting held on 8th April 2024 and fund status as on 30th April 2024. The meeting discussed the need to review the Investment Policy Statement after conducting the Compliance Assessment of the existing policy statement and to set target and strategic plans of the BHTF for the next three years which will be presented to the 36th BHTF Board Meeting for discussion and final approval.

བི་ཨེཆ་ཊི་ཨེཕ་གིས་ རྒྱུ་དངོས་འཛིན་སྐྱོང་ཚོགས་ཆུང་གི་ཞལ་འཛོམས་ཐེངས་༧ པ་འཚོགས་ཡོདཔ།

འབྲུག་གསོ་བའི་བློ་གཏད་མ་དངུལ་གྱིས་ སྤྱི་ལོ་༢༠༢༤ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ཐིམ་ཕུག་ མགྲོན་ཁང་རྟ་མགྲིན་གླིང་ལུ་སྦེ་ རྒྱུ་དངོས་འཛིན་སྐྱོང་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༧ པ་ འགོ་འདྲེན་འཐབ་ཡོདཔ་ད་ ཞལ་འཛོམས་ནང་ བི་ཨེཆ་ཊི་ཨེཕ་བཀོད་ཚོགས་ཀྱིས་ བསྐོ་བཞག་འབད་མི་ ཚོགས་ཆུང་གི་འཐུས་མི་ག་ར་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། ཚོགས་ཆུང་གིས་ སྤྱི་ལོ་༢༠༢༤ སྤྱི་ཟླ་༤ པའི་ཚེས་༨ ལུ་འཚོགས་མི་ ཨེ་ཨེམ་སི་ཞལ་འཛོམས་ཐེངས་༦ པའི་ བྱ་སྤྱོད་སྙན་ཞུ་གི་ གནས་སྟངས་དང་ སྤྱི་ལོ་༢༠༢༤ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ མ་དངུལ་གྱི་གནས་སྟངས་ཚུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས། དེ་ལས་ ཤུལ་མའི་ལོ་གསུམ་གྱི་དོན་ལུ་ བི་ཨེཆ་ཊི་ཨེཕ་གི་དམིགས་གཏད་དང་ཐབས་བྱུས་འཆར་གཞི་ཚུ་ བཀོད་ཚོགས་ཀྱི་ཞལ་འཛོམས་ཐེངས་༣༦ པའི་ནང་ གྲོས་བསྟུན་དང་ མཐའ་དཔྱད་ཆ་འཇོག་འབད་ནིའི་དོན་ལུ་ ཕུལ་ནི་ཨིན་པས།

Recent Posts

BHTF held 8th Asset Management Committee Meeting

35th BHTF Management Board Meeting